Skip to content
New issue

Have a question about this project? Sign up for a free GitHub account to open an issue and contact its maintainers and the community.

By clicking “Sign up for GitHub”, you agree to our terms of service and privacy statement. We’ll occasionally send you account related emails.

Already on GitHub? Sign in to your account

RFJ003 - ཨ་ར་པ་ཙའི་ནང་གི་སྒྲ་དང་བརྙན་གསར་བཟོ་དང་། ཡར་རྒྱས་གཏོང་བར་དགེ་རྒན་ལ་རམ་འདེགས་བྱེད་རྒྱུ། #6

Open
3 tasks
wangmotamotsang opened this issue Oct 20, 2022 · 0 comments

Comments

@wangmotamotsang
Copy link

wangmotamotsang commented Oct 20, 2022

ལས་ཀའི་སྙན་ཞུ། RFJ title: RFJ003 བརྙན་དང་སྒྲ་བཟོ་རྒྱུ།

ལས་ཀའི་སྦྱིན་བདག ༼མི་སྣ།༽ Job ordered by: ཀུ་མར་ཇཱི་ཝའི་ཇེ་ནི་ཧྥར། ནང་བསྟན་སྲི་ཞུ་ཁང་གི་ @ngawangtrinley དང་། @himalayanna

སློབ་སྟོན་པ། Advisor: @dolrin

འགན་འཁུར་བ། Job Owner's GitHub account: @wangmotamotsang

གནད་འགག་གི་དྲི་བ། Preliminary questions

དྲི་བའི་ལན་ལ་རེད་དང་མ་རེད་གང་རུང་བྲིས། Write YES or NO to the right of the question:

  1. ལས་ཀ་འདི་སྒྲུབ་དགོས་ངེས་ཞིག་རེད་དམ། Does this job really need to be done?: རེད།
  2. ལས་ཀ་འདི་སྦྱིན་བདག་གི་དགོས་མཁོ་སྐོང་བའི་ལས་ཐབས་ཡག་ཤོས་རེད་དམ། Is this job the best way to achieve the client's goal?: རེད།
  3. ང་ཚོ་ལས་ཀ་འདི་སྒྲུབ་མཁན་འཚམ་ཤོས་རེད་དམ། Are we the most appropriate organization to do the job?: རེད།
  4. ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གི་ཁ་ཕྱོགས་དང་མཐུན་པོ་རེད་དམ། Would this work contribute to the mission of Esukhia?: རེད།
  5. ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གིས་བསྒྲུབ་ན་ཁེ་ཕན་འདུག་གམ། Is this job worth doing for Esukhia?: འདུག

དྲི་ལན་ཆ་ཚང་ "རེད།" ཡིན་ན་ལས་ཀའི་སྙན་ཞུ་འདི་མུ་མཐུད་དུ་མཇུག་སྐྱོང་རོགས། If you answered yes for all answers, continue to the request for job (RFJ).

ལས་ཀའི་སྙན་ཞུ། Request for job

1. ངོ་སྤྲོད་མདོར་བསྡུས། Summary

དགེ་རྒན་རྣམས་ལ་རམ་འདེགས་བྱེད་དེ། ཨ་ར་པ་ཙའི་གཙོས་པའི་ཁྲིད་ཆས་སུ་སྒྲ་དང་བརྙན་གསར་བཟོ་དང་ཡར་རྒྱས་གཏོང་རྒྱུ་ནི་སྐབས་བབས་ཀྱི་ལས་གནས་དེ་ཆགས་ཀྱི་འདུག

2. ལས་ཀའི་རྒྱབ་ལྗོངས་དང་། དགོས་ངེས། དམིགས་འབེན། Background, Need and Objective

རྒྱབ་ལྗོངས་ཀྱི་དམིགས་ཡུལ།

  • ནང་བསྟན་སྲི་ཞུ་ཁང་དུ་སློབ་ཁྲིད་ཀྱི་ཐབས་ལམ་ནི། དེང་རབས་ཀྱི་འཛིན་གྲྭ (flipped classroom) འི་ངོ་བོའི་ཐོག་སློབ་ཁྲིད་བྱེད་ཅིང་། དགེ་རྒན་དང་སློབ་མས་མཁས་པ་ལ་འཇུག་པའི་ལམ་ (Bloom taxonomy) ལག་བསྟར་བྱེད་པ་དང་། སློབ་མའི་གནས་ཚད་ཡག་པོ་ཡོང་བར་མཁས་པར་དམིགས་པའི་སློབ་གསོ་ (Mastery learning) ཡང་ལག་བསྟར་བྱེད་མུས་སུ་མཆིས། དེར་བརྟེན་ཐབས་ལམ་དེར་དོན་ཕན་བྱུང་བར་ཆེད་མངགས་དགེ་རྒན་དང་འབྲེལ་བ་ཆགས་ཤིང་།
  • དགེ་རྒན་རྣམས་ལ་རམ་འདེགས་བྱེད་དགོས་པ་ནི་ལས་ཀའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་དེ་རེད། སྡོན་ལ་སྒྲ་དང་བརྙན་མང་པོ་ཡོད་ཀྱང་ཕལ་ཆེ་བ་རྡ་རམ་ས་ལའི་འཚོ་བ་བསྟུན་ནས་སྒྲིག་ཡོད་སྟབས། སྐབས་འདིར་སློབ་མ་རྣམས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་དུ་གནས་ཡོད་པར་བརྟེན། བསླབ་གཞིར་སློབ་མའི་འཚོ་བ་དངོས་མཐུན་པ་ཞིག་བཟོ་དགོས་པར་སྣང་།
  • ནང་མིའི་ངོ་སྤྲོད་བྱེད་པ་ལྟ་བུའི་རྩལ་ཆུང་བ་དག་ལ་བྱང་ཆུབ་པ་ཞིག་དགོས་ན། མཁས་པར་འཇུག་པའི་ལམ་རིམ་པ་དྲུག་པོ་ཚང་དགོས་པ་དང་། ཆུ་ཚོད་གསུམ་གྱི་ནང་དུ་སློབ་མས་དགེ་རྒན་ལ་མ་བསྟེན་པར་མཁས་པར་འཇུག་པའི་ལམ་དང་པོ་དང་གཉིས་པ་གཉིས་བརྒྱུད་དགོས་སྟབས། ཨ་ར་པ་ཅའི་ནང་གི་སྒྲ་དང་བརྙན་རྣམས་སློབ་མའི་གནས་ཚད་དང་འཚོ་བ་དངོས་ལ་གཞིགས་ཏེ་ཆེད་སྒྲིག་གིས་རིམ་པ་གཉིས་ལག་ལེན་ཐུབ་པ་ཞིག་བཟོ་དགོས་རྒྱུ་དེ་རེད།

དེའི་གལ་གནད།
སློབ་མས་དྲན་པ་དང་ཤེས་པ་གཉིས་ལག་ལེན་དུ་འཁེལ་བར་ཨ་ར་པ་ཙ་དང་འབྲེལ་བ་ཆེན་པོ་ཡོད་སྟབས། དགེ་རྒན་རྣམས་སློབ་མར་སློབ་ཁྲིད་བྱེད་དགོས་པ་སོགས་ཀྱི་མཛད་བྲེལ་ཆེ་བར་བརྟེན། ལས་གཞི་དེ་ཆེད་འཛུགས་ཀྱིས་དགེ་རྒན་རྣམས་ལ་སློབ་མའི་སློབ་ཁྲིད་ཕུལ་དུ་བྱུང་བར། སྒྲ་དང་བརྙན་བཟོ་སྒྲིག་དང་ཡར་རྒྱས་གཏོང་དགོས་པ་དེ་རེད།

དམིགས་དབེན།
མཁས་པར་འཇུག་པའི་ལམ་ལ་བརྟེན་ནས་བྱེ་བྲག་གི་རྩལ་དེ་མཐར་ཕྱིན་པ་ཞིག་ཆགས་དགོས་པ་དེ་རེད།

3. ཐབས་ལམ་གཞན། Other options

  • བརྙན་ནང་གི་དུམ་མཚམས་འགའ་རེ་ལེན་ཏེ་བེད་སྤྱོད་བྱེད་ཆོག་པ།
  • སློབ་གྲྭ་ལ་སོགས་པའི་གཞན་གྱིས་སྒྲ་ལེན་པ་རྣམས་བེད་སྤྱོད་ཆོག་པ།
  • སློབ་མས་སྒྲ་ལེན་པ་རྣམས་བེད་སྤྱོད་ཆོག་པ།
  • དབྱིན་ཇིའི་སློབ་དེབ་ཀྱི་གླེང་མོལ་རྣམས་བོད་བསྒྱུར་བྱེད་ནས་བེད་སྤྱོད་ཆོག་པ།

4. མཐའ་འབྲས་ཀྱི་དམིགས་འབེན། Deliverable Targets

ཀ༽ A0 ནས་ B+བར་སྒྲ་དང་བརྙན་ནོར་བ་འཇུག་མི་ཉན།
ཁ༽ སྒྲ་དང་སྒྲ་ཡིག་ཕབ་སྐབས་གཤམ་གསལ་གྱི་བརྒྱུད་རིམ་དེ་ངེས་པར་བཀོལ་སྤྱོད་བྱེད་དགོས།

  • བརྗོད་གཞིའི་མཁྲེགས་པོར་སྤྱིར་བཏང་ངང་ཤོད་དགོས།
  • སོ་སོའི་སྐད་ལ་བསྒྱུར་བ་བཏང་ནས་རྦད་ལས་སླ་པོ་བྱུང་ན་ཡག་པོ་འདུག
  • སྒྲ་འཇུག་ཐེངས་གཉིས་པ་བྱེད་དགོས།
  • གོ་རྟོགས་ནུས་རྩལ་དང་ཏག་ཏག་སྡོད་མིན་བསྐྱར་ཞིབ་བྱས་ཏེ། དགེ་རྒན་གྱིས་དེ་དང་འབྲེལ་བའི་ཐོག་བསམ་ཚུལ་བརྗེ་ལེན་བྱེད་དགོས།
  • སྒྲ་འཇུག་ཐེངས་གསུམ་པ་ཟིན་པ་དང་། སློབ་མའི་བསམ་ཚུལ་གང་ཡོད་ལྟ་དགོས།

5. ཚད་གཞི་འགྲེལ་བཤད་དང་དཔེ་མཚོན། Unit Definition and Examples

འདིའི་ནང་གྲངས་ཀའི་ཚད་གཞི་དང་སྤུས་ཚད་ཀྱི་འགྲེལ་བཤད་ཚུད་དགོས་ཤིང་། མཐའ་འབྲས་གང་ཡིན་མཚོན་བྱེད་ཀྱི་དཔེ་མཚོན་ཡང་འཇོག་དགོས། Include quantity metrics and descriptions of the quality requirements. Use examples to illustrate the deliverables.

MDP3: AUDIO CREATION.


Category Advanced Proficient Average Below Average Far Below Average
Vocal Performance Accents, sound effects, are consistent and natural. Accents, sound effects, are somewhat natural. Accents, sound effects, are unnatural and are often confusing. Accents, sound effects, are unnatural and completely confusing. Uses of approaches were very unnatural.
Vocal Consistency/ Vocal Quality Voice quality and volume is clear and consistently audible across the lessons. Voice quality and volume is clear and consistently audible throughout the majority of the lessons. Voice quality and volume is clear and consistently audible through some of the lessons. Voice quality and volume needs more attention. Voice quality significantly distracts from the story.
Plot Story has detailed elements of a story; basic situation, events, climax and resolution. Story has mostly detailed elements of a story; basic situation, events, climax and resolution. Story contains basic elements of a story; basic situation, events, climax and resolution. Story is missing some elements such as basic situations, events, climax and resolution. Story is missing several elements such as basic situations, events, climax and resolution.
Sound Effects. Sound effects are appropriate and add to the narrative. Sound effects are mostly appropriate and add to the narrative. Sound effects can be distracting to the narrative. Sound effects are distracting and do not correlate with the story. No sound effects were used.
Pronunciation Words were spoken correctly (for the dialect chosen) and contributed to clarity, style and character development. Words were spoken correctly (for the dialect chosen) and errors did not detract from the story. Words were typically spoken correctly but errors detracted from the story. Repeated errors in telling the story with unclear distinction of the words. Words were spoken incorrectly and carelessly throughout the story.
Submission deadline On time and within 1 day. 2-3 days late. 4-5 days late. More than 5 days. —-

6. ཚད་བཀག Constraints

*འོག་གི་ཞབས་ཞུ་རིགས་གསུམ་ལས་གང་རུང་གཅིག་འདེམས་ནས་✅འགྲིག་རྟགས་འདི་རྒྱོབས། Pick one of the 3 following options and add✅ *

  • སྤུས་ལེགས། ཁེ་པོ། ཧ་ཅང་འགོར་པོ། Good & Cheap won't be Fast
  • མགྱོགས་པོ། སྤུས་ལེགས། གོང་ཆེན། Fast & Good won't be Cheap
  • ཁེ་པོ། མགྱོགས་པོ། སྤུས་ཀ་ཞན་པོ། Cheap & Fast won't be Good ✅(སྤུས་ཀ་ཞན་པོ་ནི་ཧ་ལས་པའི་ཞན་པོ་ལ་གོ་བ་ལེན་གྱི་མེད། ཡིན་ནའང་། སྤུས་ཀའི་ཆེད་དུ་བརྒྱུད་རིམ་མང་པོ་ཞིག་ལ་བརྒྱུད་དགོས་སྟབས། ཧ་ལས་པའི་ཡག་པོ་ལ་གཙོ་འདོན་བྱེད་ན། བསྐྱར་དུ་བཟོ་སྒྲིག་བྱེད་དགོས་ཞེས་ལབ་ནའང་ཏོག་ཙམ་དཀའ་ངལ་ཡོད་པར་སྣང་། )

འོག་གི་ཚན་པ་གསུམ་དེ་ཁ་གསལ་དོན་བསྡུས་རེ་ཕྲིས། Fill in the following.

  • 🕑 དུས་བཀག Deadline: 3-4 months.
  • 💵 འགྲོ་སོང་གི་མང་མཐའ། Budget limit: 3,80,000/-
  • 👌 དམའ་མཐའི་སྤུས་ཚད། Minimum Quality : སྤུས་ཁ་ཡག་པོ།

7. བརྡ་ཆད་ཀྱི་འགྲེལ་བཤད། Keyword definitions

ལས་ཀ་འདི་ལ་མེད་དུ་མི་རུང་བའི་དམིགས་བསལ་གྱི་ཐ་སྙད་ཁག་གི་འགྲེལ་བཤད་སྟབས་བདེ་རེ་ཕྲིས། Define any new or important concepts needed to understand this job.

  • ཨ་ར་པ་ཙ།
  • བརྙན་ཐུང་།
  • སྒྲ་འཇུག་

8. ངེས་མེད་ཀྱི་གནད་དོན། Unknowns

གནད་དོན་གང་ཞིག་འབྱུང་སྲིད་པ་དང་། ནང་བསྟན་སྲི་ཞུ་ཁང་གིས་དེ་དག་ཅི་ལྟར་སེལ་ཐུབ། གོང་གི་སྡེ་ཚན་ཁག་གི་ནང་མ་འདུས་པའི་དོགས་འདྲི་རིགས་ཡོད་དམ། What might go wrong and what can Esukhia do to reduce those risks? What unanswered questions do you have, if any?

  • སྒྲ་དང་བརྙན་བཟོ་རྒྱུར་སྦྱོར་བརྡར་སྤྲོད་ཀྱི་རེད་པས།
  • དུས་བཀག་གི་ནང་དུ་མ་ཚར་ན།
  • དུས་བཀག་ལས་སྔ་བ་ཚར་ན།
  • ལས་མིའི་གླ་ཆ་གཞི་གང་ལ་འཛིན་དགོས།
  • སྒྲ་དང་བརྙན་ལ་མཐུན་རྐྱེན་དགོས་མཁོ་བྱུང་ན། འཛིན་སྐྱོང་གིས་སྦྱོར་ཐུབ་ཀྱི་རེད་པས།
  • སྒྲ་དང་བརྙན་གྱི་སྤུས་ཁ་ཚད་ལྡན་ཞིག་མ་བྱུང་ན།
@wangmotamotsang wangmotamotsang changed the title RFJ003 - བརྙན་དང་སྒྲ་བཟོ་རྒྱུ། RFJ003 - ཨ་ར་པ་ཙའི་ནང་གི་སྒྲ་དང་བརྙན་གསར་བཟོ་དང་། ཡར་རྒྱས་གཏོང་བར་དགེ་རྒན་ལ་རམ་འདེགས་བྱེད་རྒྱུ། Dec 10, 2022
Sign up for free to join this conversation on GitHub. Already have an account? Sign in to comment
Labels
None yet
Projects
None yet
Development

No branches or pull requests

1 participant